1 / 25

ཉམས་ལེན ་ གྱི་ ནུས་སྟོབས ། སྐབས ་ འབྲེལ ་ དང་ཚེའི་འཕེལ ་ རིམ་གྱི་བགྲོད་ལམ །

ཉམས་ལེན ་ གྱི་ ནུས་སྟོབས ། སྐབས ་ འབྲེལ ་ དང་ཚེའི་འཕེལ ་ རིམ་གྱི་བགྲོད་ལམ །. ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར ། ལོ་རིམ ་ ༤ སློབ་ཚན ་ ༧ ཀ།. དམིགས་ཡུལ །.

finna
Télécharger la présentation

ཉམས་ལེན ་ གྱི་ ནུས་སྟོབས ། སྐབས ་ འབྲེལ ་ དང་ཚེའི་འཕེལ ་ རིམ་གྱི་བགྲོད་ལམ །

An Image/Link below is provided (as is) to download presentation Download Policy: Content on the Website is provided to you AS IS for your information and personal use and may not be sold / licensed / shared on other websites without getting consent from its author. Content is provided to you AS IS for your information and personal use only. Download presentation by click this link. While downloading, if for some reason you are not able to download a presentation, the publisher may have deleted the file from their server. During download, if you can't get a presentation, the file might be deleted by the publisher.

E N D

Presentation Transcript


  1. ཉམས་ལེན་གྱི་ནུས་སྟོབས། སྐབས་འབྲེལ་དང་ཚེའི་འཕེལ་རིམ་གྱི་བགྲོད་ལམ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་འཆར། ལོ་རིམ་ ༤ སློབ་ཚན་ ༧ ཀ།

  2. དམིགས་ཡུལ། • སྐབས་མཚམས་གནས་བབས་ཀྱིས་སེམས་ངལ་སྤེལ་བ་དང་མི་ཚེའི་ནང་སད་སློང་གི་སྟངས་འཛིན་སོགས་ལ་ཤུགས་རྐྱེན་ཅིའི་ཕྱིར་དང་ཇི་ལྟར་བྱེད་མིན་ཐོག་བསྐྱར་ཞིབ་བྱ་རྒྱུ་ཡིན། • འཕྲོད་བསྟེན་དང་འབྲེལ་བ་ཡོད་མེད་གསལ་སྟོན་བྱ་རྒྱུ། • རང་གཟུགས་སུ་སྔ་སོར་འཆུད་ཐུབ་པའི་རང་བཞིན་གྱི་འབྱུང་བ་གྲོས་སྡུར་བྱ་རྒྱུ།

  3. ཀླད་པ་དང་འཕེལ་རིམ། • ཀླད་པའི་འཕེལ་རིམ་ཤུགས་ཆེ་བ་ལོ་ན་ཆུང་བའི་སྐབས་བྱུང་གི་ཡོད་ནའང་དུས་ཡུན་འགྲོ་རིམ་བཞིན་དུ་སྐྱེད་འཕེལ་ཡོང་གི་ཡོད། • ཀླད་པའི་འཕེལ་རིམ་གྱི་བཀོད་པ་དེ་གཙོ་བོ་རིགས་རྫས་དང་ཁོར་ཡུག་ཕན་ཚུན་བར་གྱི་འབྲེལ་བ་ལ་རྟེན་པ་ཡིན་པ་དང།དེ་ཡང་ཕྲུ་གུ་དང་མི་གཞན་བར་གྱི་འབྲེལ་བས་མཐུན་རྐྱེན་སྦྱོར་བ་ཡིན། • ཐོག་མར་ལས་སླ་པོ་ནས་རྗེས་སུ་རྙོག་འཛིང་ཆེ་བར་བྱེད་ནས་མིའི་རྩལ་དང་ནང་གི་ཀླད་པའི་ཆགས་བཀོད་གཉིས་མཉམ་དུ་སྐྱེད་འཕེལ་འགྲོ་བ་ཡིན། • མྱོང་ཚོར་དང།་ རྟོགས་པ་དང་སྤྱི་ཚོགས་འཇོན་ནུས་རྣམས་ཕན་ཚུན་གཅིག་ཏུ་སྒྲིལ་བའི་རང་གཤིས་ཡོད་པས་མི་ཚེའི་རྒྱུན་ནང་འདི་རྣམས་མཉམ་རུབ་དུ་འཕེལ་འགྲོས་བྱེད་ཀྱི་ཡོད།

  4. སེམས་ངལ་དང་ཀླད་པའི་འཕེལ་རིམ།སེམས་ངལ་དང་ཀླད་པའི་འཕེལ་རིམ། སེམས་སྡུག་གི་མྱོང་བ་འདྲ་མིན། • རྒྱུན་ལྡན་གྱི་འཚར་འཕེལ་ལ་སེམས་ངལ་བཟང་པོ་གལ་ཆེན་ཡིན། • བཟོད་ནུས་སེམས་ངལ་གྱིས་ཀླད་པའི་འཚར་འཕེལ་ལ་འཁྲུག་སྐྱོན་གཏོང་ནུས་ཀྱང་། འབྲེལ་ལམ་གྱིས་བར་ཞུགས་བྱེད་ཀྱི་ཡོད། • གནོད་འཚེ་སེམས་ངལ་ལ་ཡུན་གནས་ཐུབ་པའི་ཤུགས་རྐྱེན་ཡོད།

  5. མངལ་གནས་བྱིས་པའི་ནད་ཀྱི་འབྱུང་ཁུངས།མངལ་གནས་བྱིས་པའི་ནད་ཀྱི་འབྱུང་ཁུངས། མངལ་ནས་སྐྱེས་སྐབས་ཀྱི་ལྗིད་ཚད་དམའ་པོ་ཡོད་པ་དེ་དང་ཕུག་ཐག་རིང་པོར་འཕྲོད་བསྟེན་གྱི་གནས་སྟངས་གཉིས་བར་འབྲེལ་བ་ཡོད་པ་ལྟ་ཞིབ་ཁག་གིས་བསྟན་ཡོད། • ཟས་བཅུད་འཇུ་ལེན་གྱི་རྟགས་འདུས། • གཅིན་སྙི་ཟ་ཁུ། • རྒྱག་ནད། • སྙིང་རྩའི་ནད། • ཡིད་མུག • སྐྱེད་མའི་སེམས་ངལ་གྱིས་མངལ་གནས་བྱིས་པ་ཇི་འདྲ་ཡོང་མིན་ལ་ཤུགས་རྐྱེན་བྱེད།།

  6. མངལ་དུས། སྐྱེད་མའི་སེམས་ངལ་སྐྱེད་རྫས་དག་གིས་བྱེས་པའི་འཚར་ལོངས་ལ་ཤུགས་རྐྱེན་བྱེད། • མའི་ཟས་བཅུད། • མའི་འཕྲོད་བསྟེན། (གཅིན་སྙི་ཟ་ཁུ། གཉེན་ཚད། དུག་སོགས།) • མའི་རྫས་ཀྱི་བཀོལ་སྤྱོད། (དུ་བ་འཐེན་པ། ཆང་རག་དང་ཉེས་ཐ་སྤྱོད་པ།) • མའི་ལས་ཁུར། • མའི་སེམས་ངལ་དང་སེམས་ཀྱི་འཕྲོད་བསྟེན། (ཡིད་མུག་དང་དངངས་འཚབ།) • མའི་ལོ་རྒྱུས། (མངའ་མ་འཁོར་བའི་སྔོན་གྱི་ཆ་རྐྱེན། སྐྱེས་པའི་སྐབས་ཀྱི་ལྕི་ཚད་དང་བྱིས་དུས་ཀྱི་ཉམས་མྱོང་སོགས།)

  7. མའི་དངང་འཚབ་ཀྱི་འབྲས་བུ། • བདུན་ཕྲག་༡༢་ནས་༢༢་བར་དུ་མའི་སེམས་ངལ་གྱི་ཤུགས་རྐྱེན། • སེམས་ངལ་ཤིན་ཏུ་ཆེ་བའི་ཨ་མའི་ཕྲུ་གུ་དེ་ལོ་ན་བཅོ་ལྔ་ལ་སོན་སྐབས། • སེམས་ངལ་གྱི་ HPAབྱེད་ལས་འཁྲུག་པ། • ཡིད་མུག་གི་རྟགས་མང་བ། ༼བུ་མོ་ཁོ་ན།༽ • HPAཡི་བྱེད་ལས་འགྱུར་བ་དེས་ མ་དང་བུ་མོའི་བར་གྱི་སེམས་ངལ་དང་ ཡིད་མུག་གི་འབྲེལ་བ་བསྟན་ཡོད། Maternal anxiety child’s cortisol levels at age 15 (nmol/L) high medium low noon evening awakening

  8. བྱིས་དུས། ཀླད་པའི་འཚར་ལོངས་མྱུར་བ། • ཀླད་པའི་འཚར་ལོངས་མྱུར་ལ། ལོ་གཉིས་སྐབས་ཀླད་ཚད་བརྒྱ་ཆ་ལྔ་བཅུ་ཙམ་ལོན་པ་དང་ལོ་གཉིས་ལོན་སྐབས་ཀླད་པའི་བརྒྱ་ཆ་བརྒྱད་ཅུ་ཙམ་འཚར་ལོངས་ཡོང་གི་ཡོད། • ཕྲ་ཕུང་གི་ཆགས་བཀོད་མྱུར་མོར་སྨིན་ཚད་རྫོགས། • ལོ་དང་པོའི་ནང་HPAཡི་ཚངས་ཐིག་ཡོངས་སུ་གྲུབ། • འགྱུར་བ་འདི་རྣམས་བྱམས་སྐྱོང་ལ་ལྟོས་པ་ཡིན། 100 Brain Body % adult size 50 0 5 10 15 20 Age, years Birth 15 months 2–3 years

  9. བྱམས་སྐྱོང་གི་གལ་གནད། • ཀླད་པའི་འཚར་ལོངས་ནི་དགོས་ངེས་ཀྱི་སྐུལ་མ་སློང་བའི་ཆ་རྐྱེན་དང་རོགས་སྐྱོར་ལ་ཐུག་ཡོད། • མི་ལ་མཚོན་ན་ཆ་རྐྱེན་འདི་དག་སྤྲོད་མཁན་གཙོ་བོ་ནི་ཨ་མ་ཡིན། ཆ་རྐྱེན་དག་ནི། • ཟས་བཅུད། ༼འོ་མ་ནི་བཅུད་ཆེ་བ་དང་འཇུ་སླ་བའི་ཁྱད་ཆོས་ལྡན༽ • ལུས་ཀྱི་བདེ་བ་དང་སྲུང་སྐྱོབ། ༼ལུས་དྲོད་དང། སྲུང་སྐྱོབ། བཀོད་གཏོང་བཅས་བྱེད་ཀྱི་ཡོད༽ • སེམས་ཁམས་ཀྱི་སྐུལ་སློང། ༼གཞན་གཅེས་ཀྱི་འབྲེལ་བ། སྐད་ཡིགབརྩེ་བ། སྲུང་སྐྱོབ་སོགས།༽

  10. སྔ་ས་ནས་ཁ་གྱེས་པའི་མཇུག་འབྲས། • དམག་ཆེན་གཉིས་པའི་སྐབས་ཕྲུ་གུ་ ༣༢༠ ཕ་མ་དང་ཁ་བྲལ་སོང་། • ཁ་བྲལ་སོང་བའི་ལོ་ཚད་ཆ་སྙོམས་སུ་བརྩིས་ན་ ༤་༩ ཡིན། • ཁ་བྲལ་གྱི་ཡུན་ཚད་ ལོ ༡་༧ ཡིན། • ལོ་དྲུག་བཅུའི་རྗེས་སུ་ཕ་མ་དང་ཁ་བྲལ་མ་སོང་བའི་ཕྲུ་གུ་དང་བསྡུར་ན་ཁ་བྲལ་སོང་བ་རྣམས་ལ་ནད་འདི་རྣམས་བྱུང་སྐྱེན་པ་ཡོད། སྙིང་རྩའི་ནད། གཅིན་སྙི་ཟ་ཁུ། སྤྱི་ལོ་༡༩༣༤ ནས་ ༡༩༤༤ བར་ཕིན་ལེནཌ་རྒྱལ་ཁབ་ཀྱི་རྒྱལ་ས་ཧེལ་སིན་ཀི་ རུ་སྐྱེས་པའི་ཕྲུ་གུ ། སྙིང་རྩའི་ནད་ཀྱི་ཁྱབ་ཚད། གཅིན་སྙི་ཟ་ཁུའི་ཁྱབ་ཚད། ཁ་མ་བྲལ་བ། ཕྱིར་འཐེན་བྱས་པ། ཁ་མ་བྲལ་བ། ཕྱིར་འཐེན་བྱས་པ།

  11. ཉམས་མྱོང་སྔ་པོ་རྣམས་ཀྱིས་ཕུག་རིང་གི་འབྲས་བུར་ཤུགས་རྐྱེན་ཇི་ལྟར་བཟོའམ།ཉམས་མྱོང་སྔ་པོ་རྣམས་ཀྱིས་ཕུག་རིང་གི་འབྲས་བུར་ཤུགས་རྐྱེན་ཇི་ལྟར་བཟོའམ། ཚོར་བ་སྐྱེན་པའི་དུས་ཡུན། འཚར་ལོངས་ཀྱི་དུས་ཡུན་ཁྲོད་ཤུགས་རྐྱེན་གྱི་ནུས་པ་ལྷག་པར་ཆེ་བའི་སྐབས། དཔེར་ན། • མིག་གཉིས་ཀྱིས་མཐོང་བྱེད་འཚར་ལོངས་བྱུང་བའི་དུས་ནི་ཟླ་བ་༠ ནས་དྲུག་བར་ཡིན་ལ་ལྟ་བུའོ། མིག་གཉིས་ཀ་ནས་བྱུང་བའི་བརྡ་འཕྲིན་ལ་མཐོང་བྱེད་ཀླད་ཤུན་གྱི་ཡང་ལན་གོམས་འདྲིས་བྱེད་པ། • སྐད་ཡིག་གོམས་འདྲིས། ལོ་གཅིག་དང་ཕྱེད་ནས་གསུམ་བར། སྐད་ཡིག་གོམས་འདྲིས་དང་བེད་སྤྱོད་སྦྱོང་བ་སོགས་ཡིན།

  12. ཀླད་པའི་འཕེལ་རྒྱས་ཀྱི་ཚོར་སྐྱེན་རྣོ་པོ་དེ་བསྟུན་འགྱུར་རང་བཞིན་ཅན་ཡིན།ཀླད་པའི་འཕེལ་རྒྱས་ཀྱི་ཚོར་སྐྱེན་རྣོ་པོ་དེ་བསྟུན་འགྱུར་རང་བཞིན་ཅན་ཡིན། • ཀླད་པས་ཉམས་མྱོང་བསགས་ཏེ་ཤེས་སྦྱོང་བྱེད། • ཉམས་མྱོང་གིས་ • ཚེ་སྲོག་གི་གནས་སྟངས་ངོ་སྤྲོད་བྱེད། • གདོང་ལེན་བྱ་དགོས་པའི་སེམས་ངལ་སྐྱེད་རྫས་ངོ་སྤྲོད་བྱེད། • རིགས་རྫས་ཀྱི་རྣམ་འགྱུར་སྟོན་སྟངས་ལ་སྒྱུར་སྒྲིག་ བྱེད་ཚུལ་དེ་ནི་ཀླད་པའི་བྱེད་ལས་དང་བྱེད་སྒོ་ལ་ སྙོམ་སྒྲིག་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན།

  13. རིགས་རྫས་འདས་འགྱུར། རིགས་རྫས་འདས་འགྱུར། ཌི་ཨེན་ཨེ་ཡི་རིམ་པ་ལ་འགྱུར་བ་གང་ཡང་མེད་པར་རིགས་རྫས་ཀྱི་རྣམ་འགྱུར་ཐོན་སྟངས་(དང་དེ་ལ་བརྟེན་ནས་རིགས་རྫས་མངོན་རྣམ་)ལ་འགྱུར་བ་བྱུང་བ། རིགས་རྫས་ཀྱི་རྣམ་འགྱུར་ཐོན་སྟངས་ཀྱི་བྱེད་རིམ། རིགས་རྫས་ཕབ་སྒྱུར་གྱི་སྟངས་འཛིན་པ། Gluckman et al. 2008. NEJM 359:61-73, 2008

  14. མའི་ཀུན་སྤྱོད་ལ་བརྟེན་ནས་རིགས་རྫས་འདས་འགྱུར་གྱི་འཆར་སྒྲིགམའི་ཀུན་སྤྱོད་ལ་བརྟེན་ནས་རིགས་རྫས་འདས་འགྱུར་གྱི་འཆར་སྒྲིག མའི་ཀུན་སྤྱོད། ལྕེ་ལྡག་དང་། སྒལ་པ་སྒྲུག་པའི་ གསོ་སྐྱོང་གི་ངང་ཚུལ། ཙི་ཕྲུག་སྟེང་གི་ཤུགས་རྐྱེན། སེམས་ངལ་རྨེན་གཤེར།མཐོ།དམའ། དངངས་འཚབ།མཐོ།དམའ། ཙི་ཕྲུག་ལ་ལྕེ་ལྡག་བྱམས་སྐྱོང་བྱས་པ།དམའ།མཐོ། དམའ། མཐོ། Hackman et al. 2010. Nature Reviews Neuroscience 11:651-9.

  15. མའི་གཤིས་སྤྱོད་ལ་བརྟེན་པའི་རིགས་རྫས་འབྲེལ་མེད་ཀྱི་འཆར་འགོད། མའི་ཀུན་སྤྱོད། ལྕེ་ལྡག་དང་། སྒལ་པ་སྒྲུག་པའི་ གསོ་སྐྱོང་གི་ངང་ཚུལ། ཙི་ཕྲུག་སྟེང་གི་ཤུགས་རྐྱེན། གྷུལུ་ཀོ་ཀོར་ཊི་ཀོཊ སྣེ་ལེན་བྱེད་མཁན་གྱི་ རིགས་རྫས། མཐོ་པོ། དམའ་པོ། མེ་ཐི་ལེ་ཤོན་དམའ་པོ། བྱེད་སྒོ་མཐོ་པོ། མེ་ཐི་ལེ་ཤོན་མཐོ་པོ། བྱེད་སྒོ་དམའ་པོ། Hackman et al. 2010. Nature Reviews Neuroscience 11:651-9.

  16. རྐྱེན་ངན་བྱུང་བ་དེས་མི་ལ་ཡང་རིགས་རྫས་ཀྱི་མ་ཡིན་པའི་ཤུགས་རྐྱེན་སྤྲོད་དམ། རང་ཤི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཆུང་དུས་ཀྱི་རྐྱེན་ངན་ལ་ཐུག་པ་དཔང་རྟགས་མང་པོས་ཁུངས་སྐྱེལ་བྱེད་ཀྱི་ཡོད། གཤམ་དུ་སྡེ་ཚན་གསུམ་གྱི་ཀླད་པ་བསྟན་ཡོད་པ་ལས། གཅིག་རྡབ་སྐྱོན་ཤོར་བ་དང། གཞན་གཉིས་རང་ཤི་རྒྱག་མཁན་ལས་ཆུང་དུས་རྐྱེན་ངན་མྱོང་དགོས་ཡོད་མིན་གྱི་སྡེ་ཚན་གཉིས་བཅས་ཡིན། • Hippocampalglucocorticoid receptor (GR) བྱིས་པའི་སྐབས་སྡུག་རྩུབ་མྱོང་མཁན་གྱི་རང་ཤི་རྒྱག་མཁན་ཚོའི་ནང་གོང་གི་སྣེ་ལེན་ཕྲ་ཕུང་གཞན་ལས་ཉུང་བ་ཡོད། • ཁོང་ཚོའི་ནང་སྣེ་ལེན་ཕྲ་ཕུང་འདིའི་རིགས་རྫས་ཀྱི་ཕྱི་ངོས་སུ་methylགྱིས་གཡོགས་ནས་ཡོད། GR receptor concentration McGowan et al. 2008. Nature Neuroscience 12: 342-348.

  17. སེམས་ཚོར་སྟངས་འཛིན་ཐད་ཉམས་མྱོང་ཤུགས་རྐྱེན། • མངལ་ལམ་དུ་འགོ་ཚུགས། start in utero • མི་རབས་ནས་མི་རབས་བརྒྱུད། • ན་སོ་དར་གྱི་དུས་བར། • མིའི་ལས་ཁུར་ལ་དོ་ཕོག་གཏོང། • ལུས་སེམས་ཀྱི་འཕྲོད་བསྟེན་བར་འབྲེལ་མཐུད་བྱེད་པ་སོགས་སོ།

  18. སོར་ཆུད་ནུས་པའི་འགལ་ཕུང་།སོར་ཆུད་ནུས་པའི་འགལ་ཕུང་། རྐྱེན་ངན་ཡོད་རུང་མི་ཕལ་མོ་ཆེ་འགྲིག་ཐག་ཆོད་ཡོད། མི་རྣམས་རྐྱེན་ངན་ལས་གང་གིས་སྐྱོབ་བམ།

  19. སོར་ཆུད་ནུས་པ། • སོར་ཆུད་ནུས་པ། མི་ཚོས་སེམས་ངལ་དྲག་པོ་དང་(བརྡབ་སྐྱོན། གོད་ཆག ཉེན་ཁ་ལ་སོགས་པའི་)རྐྱེན་ངལ་འཕྲད་སྐབས་གདོང་ལེན་བྱེད་ཚུལ་ལ་ཟེར། དེ་ནི་སྡུག་བསྔལ་གྱི་གཉེན་པོ་ལྟ་བུ་ཡིན། • སོར་ཆུད་ནུས་པའི་འབྱུང་ཁུངས། • འཚར་འཕེལ་དང་འབྲེལ་བ། • རིགས་རྫས་དང་རིགས་རྫས་འདས་འགྱུར་དང་འབྲེལ་བ། • སྤྱི་ཚོགས་དང་འབྲེལ་བ། • ཤེས་སྦྱོང་དང་འབྲེལ་བ།

  20. འཚར་འཕེལ་དང་འབྲེལ་བའི་ སོར་ཆུད་ནུས་པའི་འབྱུང་ཁུངས། • བརྟན་ལ་བྱམས་བརྩེ་ཅན་གྱི་གསོ་སྐྱོང་རང་བཞིན་ཅན་གྱི་ཁྱིམ་ཚང་གི་ཁོར་ཡུག། • བྱམས་སྐྱོང་ཆེ་བའི་རྒན་པ་ཞིག་དང་འབྲེལ་ཐག་ཉེ་པོ་ཡོད་པ། • གདོང་ལེན་ནུས་སའི་སེམས་ངན་སྐྱེད་རྫས་དང་འཕྲད་མྱོང་བ། • ཆུང་དུས་ཀྱི་ཉམས་མྱོང་གིས་ཕྱིས་སུ་བསྟུན་འགྱུར་ནུས་པའི་ཡ་ལན་འཆར་འགོད་བྱེ་དཔ། • འདི་དག་ཐོབ་པ་སྟེ། • མི་ཚོགས་དང་འགྲོགས་འདྲིས་ཀྱི་འཇོན་ཐང་དང་ཁམས་མཐུན་རང་གཤིས་ཐོབ་པ། • རང་གིས་རང་ལ་སྟངས་འཛིན་བྱེད་པའི་ནུས་པ་ཐོབ་པ།

  21. སྔ་དུས་ཀྱི་ཁོར་ཡུག་ལ་ཚོར་སྐྱེན་ཆེ་ཆུང་གི་ཁྱད་པར་ཡོང་བའི་རིགས་རྫས་ཀྱི་གཞི་རྐྱེན།སྔ་དུས་ཀྱི་ཁོར་ཡུག་ལ་ཚོར་སྐྱེན་ཆེ་ཆུང་གི་ཁྱད་པར་ཡོང་བའི་རིགས་རྫས་ཀྱི་གཞི་རྐྱེན། Australia New Zealand Dunedin རིགས་རྫས་གྲུབ་ཆ་འདི་དང་ལྡན་པའི་མི་རྣམས་ཀུན་སྤྱོད་ཀྱི་དཀའ་ངལ་སྐྱེད་པའི་བྱིས་དུས་ཀྱི་ཁོར་ཡུག་ལ་ཚོར་སྐྱེན་ཆུང་བ་ཡོད། Caspi et al. 2002. Science 297:851-854

  22. འབྲེལ་བ་དང་སྤྱི་ཚོགས་ཀྱི་རྒྱབ་རྟེན་བཟང་པོས་སོར་ཆུད་ནུས་པ་གོང་སྤེལ་བྱེད། • མཐུན་པའི་སྤྱི་ཚོགས་ཀྱི་རྒྱབ་གཉེར་ནང། • གྲོགས་འབྲེལ་བཟང་པོ་དང་སྤྱི་ཚོགས་འབྲེལ་མཐུད། • བརྟན་པོ་དང་ཡིད་བློ་འཕེལ་བ། • སེམས་ཚོར་བདེ་འཇག་གི་ཚོར་བ་དང་ནང་དུ་ཚུད་པའི་ཚོར་བ། • རྒྱབ་གཉེར་བཟང་པོས་སེམས་ངལ་སེལ་བ། • སེམས་ཚོར་མ་ལག་གི་ཡ་ལན་རན་པ། • ཀོར་ཊི་སོལ་གྱི་བྱེད་ལན་ཉུང་དུ་གཏོང་བ་སོགས།y

  23. དཔེ་མཚོན། སེམས་ངལ་གྱི་ཡ་ལན་ཐོག་སྤྱི་ཚོགས་རྒྱབ་གཉེར་གྱི་མཐུན་པའི་ཤུགས་རྐྱེན། ཉིན་ལྟར་སྤྱི་ཚོགས་ཀྱི་རྒྱབ་གཉེར་ཡོད་པ་དེས་སྤྱི་ཚོགས་དང་འབྲེལ་བའི་སེམས་ངལ་ལ་དབང་རྩའི་ཡུལ་རྟོགས་དང་ཀོར་ཊི་སོལ་ཡ་ལན་ཉུང་དུ་གཏོང་ཐུབ། cortisol response Daily social support Brain regions (cACC and BA8) associated with social distress (green) and cortisol regulation (red) were less active during a social challenge test (TSST) in people with high social support. Eisenberger et al. 2007. NeuroImage35: 1601-1612.

  24. སྟངས་འཛིན་སྦྱོང་བ། ཉམས་མྱོང་གིས་སེམས་ཚོར་སྙོམ་སྒྲིག་གི་ལས་ཚུལ་བསྒྱུར་ཐུབ། བརྟག་དཔྱད་ཀྱི་དཔེ་མཚོན། • མྱོང་ཚོར་རྗེས་དྲན། • ཀླད་པའི་བྱེད་ལས་ཐད་ཚུར་ལན་སྤྲོད་པ། • གླིང་ཤུན་གཡས་པའི་བྱེད་སྒོ་སྤེལ་ཐབས་སྦྱོང་བ། Session 1 2 3 4 Caria et al. 2007. NeuroImage35: 1238-1246.

  25. དོན་བསྡུ། • ང་ཚོའི་ལྟ་ཚུལ་དང་སྤྱོད་ཚུལ་དང་མའི་མངལ་དུ་ཞུགས་པ་ནས་གསགས་པའི་ཉམས་མྱོང་ལ་ལྟོས་ནས་བྱུང་བ་ཞིག་དང། དེ་ཡང་གཙོ་བོ་འཚར་ལོངས་སྐབས་བྱུང་བ་ཞིག་ཡིན། དཀའ་ངལ་དང་རྐྱེན་ངན་འཕྲད་པ་དེས་ལྟ་སྤྱོད་ཀྱི་ཚུལ་ཐོག་རྗེས་ཤུལ་སྐྲུན་གྱི་ཡོད། • ཚུལ་དེ་དག་རིགས་རྫས་ལ་ལྟོས་མིན་གང་རུང་དང་དཀའ་ངལ་གྱི་བརྡ་འཕྲིན་སོགས་ཁོར་ཡུག་ཐད་ཚོར་བ་རྐྱེན་པའི་སྐྱེ་ལྡན་དབང་རྩའི་བྱེད་ལས་དག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། • སྤྱི་ཡོངས་ཐོག་མི་ཚོས་དཀའ་ངལ་འཕྲད་མིན་ལ་མ་ལྟོས་པར་འཚོ་གནས་གང་ལེགས་ཐུབ་ཀྱི་ཡོད། དཀའ་ངལ་གདོང་ལེན་གྱི་ནུས་པ་དེ་རྐྱེན་དུ་མ་ལ་བརྟེན་བྱུང་ཡོད།

More Related